གསང་སྔགས་རྙིང་མའི་སྔོན་འགྲོའི་འདོན་ཆ་ཕྱོགས་གཅིག་ཏུ་བསྒྲིགས་པ་བཞུགས་སོ། ས་བཅད་དང་པོ་སྐྱབས་འགྲོའི་རིམ་པ་ནི། བླ་མ་ལ་སྐྱབས་སུ་མཆིའོ། སངས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ། དགེ་འདུན་ལ་སྐྱབས་སུ་མཆིའོ། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ༴ ལྟ་བ་བསྒོམ་པ་སྤྱོད་པ་གསུམ་ལ༴ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལ༴ གཞི་དང་ལམ་དང་འབྲས་བུ་གསུམ་ལ༴ རྩ་དང་རླུང་དང་ཐིག་ལེ་གསུམ་ལ༴ བདེ་དང་གསལ་དང་མི་རྟོག་གསུམ་ལ༴ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ༴ བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ༴ བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ༴ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ༴ བླ་མ་མི་འགྱུར་རྡོ་རྗེའི་སྐུ་ལ༴ བླ་མ་མངོན་པར་བྱང་ཆུབ་སྐུ་ལ༴ རྩ་བའི་བླ་མ་བཀའ་དྲིན་ཅན་ལ༴ བརྒྱུད་པའི་བླ་མ་བྱིན་རླབས་ཅན་ལ༴ འདྲེན་པའི་བླ་མ་ཐུགས་རྗེ་ཅན་ལ་སྐྱབས་སུ་མཆིའོ། སེམས་བསྐྱེད་ནི། དེང་བཟུང་བྱང་ཆུབ་མ་ཐོབ་བར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་བརྒལ་བསྒྲལ་དང་མ་གྲོལ་དགྲོལ། །དབུགས་དབྱུང་མྱ་ངན་འདས་ལ་འགོད། །སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ། །དེང་བཟུང་བྱང་ཆུབ་མ་ཐོབ་བར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་བརྒལ་བསྒྲལ་དང་མ་གྲོལ་དགྲོལ། །དབུགས་དབྱུང་མྱ་ངན་འདས་ལ་འགོད། །འཇུག་པ་བྱང་ཆུབ་སེམས་བསྐྱེད་དོ། རྡོར་དྲིལ་བྱིན་གྱིས་བརླབ་པ་ནི། རྡོར་དྲིལ་བླངས་ལ། ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཐབས་ཀྱི་རང་བཞིན༔ རྡོ་རྗེ་ཐུགས་ཀར་གསོར་ལ། ཧྲཱིཿབཛྲ་ཏིཥྛ་ཛྙ་ན་ས་མ་ཡ་ཧཱུྃ༔ མུྃ་ལས་དྲིལ་བུ་ཤེས་རབ་ཀྱི་རང་བཞིན༔ དྲིལ་བུ་དཀྲོལ། ཧྲཱིཿམུ་གུ་ལནྟ་རི་ཀ་ཏ་ཧཱུྃ༔ རྔ་བྱིན་གྱིས་བརླབ་པ་ནི༔ རྔ་ལྕག་ཐོགས་ལ། ཨཱཿལས་བྱུང་བའི་རྔ་ཀུན་བཟང་ཡབ་ཡུམ་སྦྱོར་བའི་བླ་མེད་ཆོས་ཀྱི་སྒྲས་ཁམས་གསུམ་ཁྱབ་པར་གྱུར༔ ཧྲཱིཿདྷརྨ་དྷ་ཏུ་ཧཱུྃ་ཨཱཿ སྔགས་གསུམ་དང་རྔ་ལྕག་ལན་གསུམ་བརྡེག༔ བསང་ཆུ་བྱིན་བརླབ་ནི༔ རིན་པོ་ཆེའི་སྣོད་དུ་ཨཱཿལས་བྱུང་བའི་ཁྲོ་མོ་དབང་ཕྱུག་མ་ཞུ་བའི་བདུད་རྩིར་གྱུར༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊཿ སརྦ་པྲ་ཕྱཾ་ཤྭ་དྷ་ནེ་ཧཱུྃ་ཕཊཿ ལན་གསུམ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊཿ ཅེས་བརྗོད་ཅིང་ཆུ་དེས་མཆོད་པ་ཐམས་ཅད་ལ་བྲན༔ བདུད་རྩི་དང་གཏོར་མ་བྱིན་བརླབ་པ་ནི༔ ཨོཾ་སྭཱ་བྷ་ཝ་སོགས། སྟོང་པའི་ངང་ལས་ཡྃ་རྃ་ཀེཾ་ལས་རླུང་མེ་ཐོད་སྒྱེད་ཀྱི་སྟེང་དུ་ཨཱཿལས་ཐོད་པ་རྒྱ་ཆེ་བའི་ནང་དུ་སྨན་དང་གཏོར་མ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔར་ཞུ་བ་དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཅིག་ཏུ་འདྲེས་པའི་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བཱ་ལིངྟ་ཏེ་ཛྭ་བྷ་ལིངྟ་བྷ་ལ་བཱ་ཏེ་གྷུ་ཧྱ་ཧྲཱིཿཤྭ་ས་མ་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ གསུམ་བརྗོད་ཅིང་བདུད་རྩིས་མཆོད་པ་ཐམས་ཅད་ལ་བྲན༔ རཀྟ་བྱིན་བརླབ་པ་ནི༔ ར་ལས་བྱུང་བའི་ལྷ་མོའི་མཁའ་ལ་རིགས་དྲུག་འཁོར་བའི་རྒྱུ་ཐམས་ཅད་ཐིམ་པས་རཀྟའི་རྒྱུན་བབས༔ ཉོན་མོངས་འཇོམས་པའི་རཀྟས་འཁོར་བའི་རྒྱ་མཚོ་སྟོངས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋ༔ ཕྱི་མཆོད་བྱིན་བརླབ་ནི༔ ཨཱཿལས་ཐོད་པར་ཧཱུྃ་ལས་ཕྱི་ནང་གསང་བའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པར་གྱུར༔ ཨོཾ་བཛྲ་པུཥྤེ་དྷུཥྤེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏྱ་ཤཔྟ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་པཱུ་ཙ་ཧོ༔ ཅེས་ཕྱི་ནང་གསང་བའི་མཆོད་གཏོར་བྱིན་བརླབས༔ དཀར་གཏོར་ཆུ་གཙང་གིས་བྲན་ལ། བྷྲུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ལས་གཏོར་མ་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་པྲི་ཐི་དཱེ་ཝི་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་བཛྲ་ས་མ་ཛཿ ཨོཾ་པྲི་ཐི་དཱེ་ཝི་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཨེ་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཨརྒྷཾ་ སོགས། ཤཔྟ་པྲ་ཏིཙྪ་སྭཱ་ཧཱ༔ ཧཱུྃ༔ ལྷ་ཀླུ་གནོད་སྦྱིན་རྒྱལ་པོ་གཟའ་བཙན་དང་༔ དྲི་ཟ་གྲུལ་བུམ་མིའམ་ཅི་ལ་སོགས༔ བདུད་དང་སྲིན་པོ་མ་མོ་གཟེ་སྨན་དང་༔ དམུ་དང་ཐེའུ་རང་གྲོང་སྲིན་འདྲེ་མོར་བཅས༔ ཡུལ་ལྷ་གཞི་བདག་གནས་བདག་གཏེར་བདག་དང་༔ དཀོར་བདག་ལ་སོགས་ལྷ་སྲིན་འབྱུང་པོའི་ཚོགས༔ བཀའ་དང་དམ་ལ་གནས་པའི་དགེ་བསྙེན་ཀུན༔ གཙང་སྦྱར་གཏོར་མ་གསེར་སྐྱེམས་འདི་བཞེས་ལ༔ གནོད་ཅིང་གདུག་པའི་བསམ་པ་རབ་ཞི་ནས༔ རྟག་ཏུ་བདག་གི་དགེ་བའི་སྡོང་གྲོགས་མཛོད༔ ཡུལ་རིས་རྒྱལ་ཁམས་ས་ཕྱོགས་འདི་དག་ཏུ༔ བདག་གི་བླ་མེད་བྱང་ཆུབ་མཆོག་བསྒྲུབ་ཅིང་༔ སེམས་ཅན་རྣམས་ཀྱི་དོན་རབ་བརྩོན་པ་ལ༔ ཁྱེད་རྣམས་བདག་གི་མཐུན་རྐྱེན་བསྒྲུབ་ཏུ་གསོལ༔ ས་ཡི་ལྷ་མོ་བརྟན་མ་ལ་སོགས་པའི༔ ས་བདག་རྒྱལ་བློན་འཁོར་དང་བཅས་པ་རྣམས༔ གཙང་སྦྱར་གཏོར་མ་གསེར་སྐྱེམས་འདི་བཞེས་ལ༔ བདག་གི་བསམ་པའི་དོན་འདི་སྒྲུབ་པ་ལ༔ ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར༔ རིན་ཆེན་གཏེར་གྱི་ས་འདི་སྩལ་དུ་གསོལ༔ ཁྱེད་ཅག་བསམ་པ་བསྒྲུབ་ལ་རེ་བ་སྐོང་༔ བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཅེས་དཀར་གཏོར་ཕུལ༔ བགེགས་གཏོར་བྲན་ལ༔ བྷྲུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ལས་གཏོར་མ་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཐམས་ཅད་དང་༔ ས་འོག་ས་སྟེང་ས་བླར་རྒྱུ་བ་ཡི༔ བགེགས་དང་ལོག་འདྲེན་ལན་ཆགས་འབྱུང་པོའི་ཚོགས༔ བགེགས་འདུལ་ཁྲོ་རྒྱལ་འབར་བའི་བཀའ་བྱུང་གིས༔ སྐད་ཅིག་ཡུད་ཙམ་གཅིག་ལ་འདིར་འདུས་ཤིག༔ བདག་གི་བསྒོ་བའི་བཀའ་ལ་ཉན་པར་བྱོས༔ ཨོཾ་བཛྲ་ཊ་ཀི་ར་ཛཿཧཱུྃ༔ ཛཿཧཱུྃ་བྃ་ཧོཿ ཨོཾ་བཛྲ་ཨངྐུ་ཤ་ཛཿ ཨོཾ་སརྦ་བིགྷྣན་ས་པཱ་རི་ཝ་ར་ཨེ་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཨརྒྷཾ་ ནས། ཤཔྟ་པྲ་ཏིཙྪ་སྭཱ་ཧཱཿ ཧཱུྃ༔ ཉོན་ཅིག་བགེགས་དང་ལན་ཆགས་འབྱུང་པོའི་ཚོགས༔ ཚེ་རབས་ལས་ཀྱིས་མནར་བའི་ལན་ཆགས་རྣམས༔ འདོད་ཡོན་གླུད་དང་གཏོར་མས་ཚིམ་པར་བྱོས༔ གནས་སྐབས་རྐྱེན་གྱིས་བསྒྱུར་བའི་གདོན་བགེགས་རྣམས༔ གཏོར་ཀྱུ་ཆངས་བུ་མར་མེ་ཞལ་ཟས་དང་༔ འབྲས་ཆེན་འབྲས་འབྲུ་ཤ་ཆང་ལ་སོགས་པས༔ ཚིམ་པར་གྱིས་ལ་རང་རང་གནས་སུ་དེངས༔ གལ་ཏེ་མི་འགྲོ་འདི་རུ་འཚེ་བྱེད་ན༔ ཡེ་ཤེས་རོལ་པའི་ཁྲོ་རྒྱལ་རབ་ཁྲོས་ནས༔ རྡུལ་ཕྲན་ཕྲ་མོ་བཞིན་དུ་བརླག་པར་བྱེད༔ སརྦ་བིགྷྣན་གཙྪ༔ ཅེས་བརྗོད་བགེགས་གཏོར་ཕྱི་རོལ་དུ་དོར༔ ཅེས་རཱ་ག་ཨ་སྱས་འཁྱེར་བདེ་བར་མཛད་པའོ། །