[122]

Last updatd on་July 15, 2020

February 28, 2015

 

༈ གསུང་རབ་དོན་ཟབ་སྙིང་བསྡུས་སུ་གསུངས་པའི་ཆོས་ཚན་ཁག་རང་གིས་ཅུང་ཟད་རེ་མཇལ་ཞོར་གློག་ཀླད་དུ་བཞུགས་སུ་གསོལ་བ་དེ་དག་རང་མཉམ་གྱི་མཆེད་པོ་གཞན་ལའང་ཐུགས་ཕན་གསོས་སྙམ་གྱིས་བཀྲ་ཤིས་བདེ་ལེགས་བཅས་གུས་སངས་བསྟན་པས་ཕུལ་བ་དགེའོ།།

 

1

༄༅།   །རྡོ་རྗེ་འཆང་ཐུང་མའི་ཁྲིད་ཁྱབ་བདག་བླ་མའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།  །

 

 

2

༄༅།   །འཕགས་མ་སྒྲོལ་མའི་གསོལ་འདེབས་སྐྱབས་བདུན་མའི་ཚིག་དོན་རྣམ་པར་འགྲོལ་བ་ཨུཏྤ་ལའི་ཆུན་པོ་ཞེས་བྱ་བ་བཞུགས་སོ།  །

 

 

3

༄༅།   །སྒྲོལ་མར་ཕྱག་འཚལ་ཉེར་གཅིག་གིས་བསྟོད་པའི་རྣམ་བཤད་ཡིད་འཕྲོག་ཨུཏྤ་ལའི་ཆུན་པོ་ཞེས་བྱ་བ་བཞུགས་སོ།  །

 

 

4

༄༅།   །བསངས་ཀྱི་དོན་བཤད་ཕན་བདེའི་གྲུ་ཆར་ཞེས་བྱ་བ་བཞུགས་སོ།  །

ལྷ་བཙུན་རིག་འཛིན་སྲོག་སྒྲུབ་ཀྱི་མན་ངག་རི་བོ་བསང་མཆོད།

 

 

5

༄༅།   །སྲོག་སྡོམ་གཟེར་བཞིའི་དམིགས་པའི་གནད་འགགས་ཁམས་གསུམ་རོལ་བའི་ཚངས་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།  །

 

 

6

༄༅།   ། སྔགས་བཟླ་བའི་མན་ངག་བཞུགས་སོ།།

 

 

7

༄༅།   ། ཕྱག་ཆེན་པའི་གནས་འགྱུ་རིག་གསུམ་གྱི་ཁྲིད་བཞུགས་སོ།།

 

 

8

༄༅།   །ཀློང་ཆེན་སྙིང་གི་ཐིག་ལེ་ལས་བསྐྱེད་རིམ་ལྷ་ཁྲིད་འོག་མིན་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།  །

 

 

9

 

༄༅།   །མཁས་པ་ཤྲཱི་རྒྱལ་པོའི་ཁྱད་ཆོས་ཚིག་གསུམ་གནད་དུ་བརྡེག་པའི་མན་ངག་བཞུགས་སོ།  །

 

 

10

 

༄༅།   །ཚིག་གསུམ་གནད་དུ་བརྡེག་པའི་མན་ངག་གི་མཆན་འགྲེལ་ཉུང་བསྡུས་བཞུགས་པ་དགེ།

 

 

11

 

༄༅། །སྔོན་འགྲོའི་དམིགས་རིམ་བསྡུས་པ་བཞུགས་སོ། །
ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེས་མཛད།

 

 

12

 

༄༅། །རྩ་བ་གསུམ་གྱི་དབང་ཆོག་སྤྱིའི་ཟུར་རྒྱན་སྔ་འགྱུར་རིག་འཛིན་གོང་མའི་ཞལ་ལུང༌།

 

 

 

13

༄༅། །ཕྱི་ལྟར་རྒྱལ་བའི་སྲས་པོ་ཞི་བ་ལྷ། །ནང་ལྟར་གྲུབ་པའི་དབང་ཕྱུག་ཤ་ཝ་རི། །གསང་བ་འཕགས་མཆོག་སྡུག་བསྔལ་རང་གྲོལ་དངོས། །འཇིགས་མེད་ཆོས་ཀྱི་དབང་པོར་གསོལ་བ་འདེབས། །ཞེས་ཀུན་འདུས་བླ་མ་ལ་མཆོད་པར་བརྗོད་པས་མདུན་བསུས་ཏེ། མཁས་དང་གྲུབ་པའི་དབང་ཕྱུག་བླ་མ་དམ་པ་རྣམས་ཀྱི་ཞལ་གདམས་རྡོ་རྗེའི་གསུང་གལ་གནད་ཆེ་བ་འགའ་ཞིག་ཕྱོགས་གཅིག་ཏུ་བཞུགས་སུ་གསོལ་བ་ལ་ཐོག་མར།
༡༽བྱང་ཆུབ་དོན་དུ་གཉེར་བའི་གཅོད་ཡུལ་པ་རྣམས་ལ་མཁོ་བའི་རི་ཆོས་རྩིབས་སྟོང་འཁོར་ལོ་ཞེས་བྱ་བ། ཤ་བ་རི་པ་གཏི་རྒན་གཉིས་མེད་ཆོས་ཀྱི་སེངྒེས་མཛད།
༢༽ཐོག་མཐའ་བར་གསུམ་དུ་དགེ་བའི་གཏམ་ལྟ་སྒོམ་སྤྱོད་གསུམ་གྱི་ཉམས་ལེན་དམ་པའི་སྙིང་ནོར་ཞེས་བྱ་བ། དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་གསུང༌།
༣༽རི་ཆོས་བསླབ་བྱ་ཉམས་ལེན་དམར་ཁྲིད་གོ་བདེར་བརྗོད་པ་གྲུབ་པའི་བཅུད་ལེན་ཞེས་བྱ་བ། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཛད།
༤༽དྲང་པོར་བརྗོད་པའི་གཏམ་རྒན་པོའི་གླིང་བུ་ཞེས་བྱ་བ། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེའི་རིན་པོ་ཆེ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་གསུང༌།
༥༽རང་སྐྱོན་ངོ་ཤེས་སྐྱབས་ཡུལ་རྗེས་དྲན་གྱི་གསོལ་འདེབས་ནོངས་བཤགས་སྨོན་ལམ་ཡང་དག་བླང་དོར་གསལ་འདེབས། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུང༌།
༦༽དད་དམ་མངའ་བའི་བླ་མ་རྡོ་རྗེ་སློབ་དཔོན་རྣམས་ལ་སྤྲིང་བའི་ཆབ་ཤོག །སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་ཀརྨ་རང་བྱུང་ཀུན་ཁྱབ་དཔལ་བཟང་པོས་མཛད།
༧༽རྣམ་དག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྨོན་ལམ། དཔལ་སྤྲུལ་རིན་པོ་ཆེ་འཇིགས་མེད་ཆོས་ཀྱི་དབང་པོས་མཛད།
༨༽གདམས་ངག་གནད་བསྡུས་ཀྱི་སྨོན་ལམ་དམ་པའི་སྙིང་བཅུད་ཅེས་བྱ་བ། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཛད་པ།
བཅས་བཞུགས་པ་ལགས་སོ།། །།

 

 

14

༡༽ ༄༅། །འོད་གསལ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ལྟ་བའི་གླུ་དབྱངས་ས་ལམ་མ་ལུས་མྱུར་དུ་བགྲོད་པའི་རྩལ་ལྡན་མཁའ་ལྡིང་གཤོག་རླབས་ཞེས་བྱ་བ་བཞུགས་སོ། །
༢༽ ༄༅། །འོད་གསལ་རྫོགས་པ་ཆེན་པོའི་ལྷུན་གྲུབ་ཐོད་རྒལ་གྱི་གླུ་དབྱངས་ཏིང་འཛིན་སྒོ་འཕར་བརྒྱ་ཕྲག་ཅིག་ཅར་འབྱེད་པའི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ། །
༣༽ ༄༅། །ཐོད་རྒལ་གནད་ཀྱི་ཞལ་ཤེས་མགུར་དབྱངས་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །

 

 

15

༄༅༔ ༔ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས་པའི་རྒྱལ་པོ་ན་རག་དོང་སྤྲུགས་བཞུགས་སོ༔

 

 

 

16

༄༅། །འཕགས་མཆོག་བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་སྒྲུབ་ཐབས་དང་འབྲེལ་བའི་གཤིན་པོ་རྗེས་འཛིན་ཐར་ལམ་གསལ་བྱེད་ཅེས་བྱ་བ་བཞུགས་སོ། །

 

 

17

༄༅། །རྡོ་རྗེའི་ཚིག་བདུན་གསོལ་འདེབས་ཀྱི་གསང་ཚིག་མངོན་ཆུང་རྗེན་པའི་གསང་སྒྲོགས་བཞུགས་སོ།།

 

 

18

Post on July 24, 2020

ཌཱཀྐིའི་གནད་ཀྱི་ཞལ་གདམས་ཞེས་པ་འདི་ཉིད་དེང་སང་དཔེ་རྒྱུན་ཤིན་ཏུ་དཀོན་པོ་ཡིན་མོད། དེ་ཡང་རྟོགས་ལྡན་ཤཱཀྱ་ཤྲཱིའི་དངོས་སློབ་ཨོ་རྒྱན་ཆོས་ཉིད་རང་གྲོལ་ནས་བརྒྱུད་པ་མཆོག་གི་རྡོ་རྗེ་སློབ་དཔོན་བླ་མ་ཤེས་རབ་རྡོ་རྗེ་མཆོག་གིས་ཐུགས་བརྩེ་བས་དཔེ་རྙིང་ལག་བྲིས་སྙན་ཐབས་ཅུང་ཟད་མ་དག་པ་ཞིག་སྟེས་དབང་གིས་ལག་སོན་བྱུང་བས་ཁོ་བོས་ཞབས་ཏོག་ཏུ་རློམ་པས་གློག་ཀླད་དུ་བཞུགས་སུ་གསོལ་ནས་ཞུ་དག་ནན་ཏར་བྱས་ཁུལ་ཡིན་ཏེ་མཐའ་གཅིག་ཏུ་གཙང་ངེས་ཀྱི་ལམ་དུ་སོང་མིན་མི་ཤེས་དཔྱད་པར་མཛོད། ཅེས་དེ་རིང་རང་ཟླ་དྲུག་པའི་ཚེས་བཞི་ཆོས་འཁོར་དུས་ཆེན་གྱི་ཉིན་བཟང་པོའི་རྟེན་འབྲེལ་དུ་མཐོང་ནས་ཕུལ་བ་དགེ་ལེགས་འཕེལ།།

 

 

 

©Karma Lekshey Ling Institute